ཚེས་1ཉིན་ནས་བཟུང་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་ལོ་12ལ་བཅགས་པ་དང་། ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག)ཟླ་3ཚེས་1ཉིན་ནས་ལག་ལེན་བསྟར་ཡོད་པ་རེད།
ལོ་16ཟིན་པའི་མིས་ཉེས་པ་བསགས་ཚེ་ཉེས་དོན་གྱི་འགན་འཁྲི་འཁུར་དགོས།
ལོ་14ཟིན་པ་དང་ལོ་16ལ་སླེབས་མེད་པའི་མིས་རྐང་བཙུགས་ནས་མི་གསོད་པ་དང་། རྐང་བཙུགས་ནས་གནོད་འཚེ་བཏང་ནས་རྨས་སྐྱོན་ཆེན་པོ་ཕོག་པའམ་ཡང་ན་འཆི་བ། བཙན་གཡེམ། འཕྲོག་བཅོམ། དུག་རྫས་ལྐོག་འཚོང་། མེ་རྒྱག་པ། རྫས་མེ་སྤོར་བ། ཉེན་ཡོད་དངོས་པོ་འཇོག་པ་བཅས་ཀྱི་ཉེས་པ་བསགས་ཚེ་ཉེས་དོན་གྱི་འགན་འཁྲི་འཁུར་དགོས།
ལོ་12ཟིན་པ་དང་ལོ་14ལ་སླེབས་མེད་པའི་མིས་རྐང་བཙུགས་ནས་མི་གསོད་པ་དང་། རྐང་བཙུགས་ནས་གནོད་འཚེ་བཏང་ནས་མི་འཆི་བའམ་ཡང་ན་གདུག་རྩུབ་ཧ་ཅང་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཏང་སྟེ་དབང་པོ་སྐྱོན་ཅན་བཟོས་པའི་ཉེས་ཚབས་ཧ་ཅང་ཆེ་རིགས་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁུངས་འདེད་ཆོག་པའི་ཞིབ་བཤེར་ཆོག་མཆན་སྤྲད་པར་ཉེས་དོན་གྱི་འགན་འཁྲི་འཁུར་དགོས།
གོང་གསལ་གྱི་གཏན་འབེབས་ཁག་གསུམ་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་ས་འདི་ལོ་18ལ་སླེབས་མེད་ན་ཉེས་ཆད་ལྕི་པོ་འཁུར་དུ་མི་འཇུག་རྒྱུའམ་ཡང་ན་ཡང་དུ་གཏོང་རྒྱུ།
ལོ་16ལ་སླེབས་མེད་པའི་དབང་གིས་ཉེས་དོན་ཆད་པ་བཅད་མེད་རིགས་ལ་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གྱིས་སློབ་གསོ་ཡག་པོ་རྒྱག་རྒྱུའི་བཀའ་གཏོང་དགོས་པ་དང་། དགོས་ངེས་སྐབས་སུ་ཁྲིམས་ལྟར་ཆེད་མངགས་སྒྱུར་བཀོད་བྱེད་དགོས།